ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བོད་སྐད་ནང་སློབ་ཁྲིདབྱེད་ཕྱོགས་ཀྱི་གཟབ་སྦྱོང༌།


བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཚན་རིག་དང་ཨང་རྩིས་ སྤྱི་ཚོགས་ཚན་རིག་བཅས་བོད་སྐད་ནང་སློབ་ཁྲིད་བྱེད་ཕྱོགས་ཀྱི་གཟབ་སྦྱོང་ཞིག་འགོ་འཛུགས་བྱུང་གཞག། ད་རེས་ཀྱི་གཟབ་སྦྱོང་འདི་ནི་རྒྱ་གར་བྱང་ཕྱོགས་པོན་ཌ་ས་ཧིབ་ནང་འཚོག་བཞིན་པ་དང་དེའི་ནང་གཙོ་བོ་སམ་བྷོ་ཏ་སློབ་གྲའི་གཞི་རིམ་བར་མའི་དགེ་རྒན་རྣམ་པས་མཉམ་ཞུགས་གནང་བཞིན་པའི་ཐོག་བོད་པའི་ཤེས་ཡོན་གྱི་ཐད་སྣེ་ཁྲིད་བ་བཅོ་ལྔས་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་ ད་རེས་ཀྱི་གཟབ་སྦྱོང་འདི་ནི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་ཇུས་གསར་པ་ལག་ལྟར་འོག་འཛིན་གྲ་དྲུག་པ་ཡན་གྱི་སློབ་ཚན་བོད་སྐད་ནང་ཁྲིད་ཕྱོགས་ཐད་ཀྱི་གཟབ་སྦྱོང་དང་པོ་དེ་ཡང་རེད་ཅེས་ བཙན་བྱོལ་བོད་གཞུང་གི་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱི་གསུངས་ཡོད་པ་རེད།

XS
SM
MD
LG