ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ལ་ངོ་རྒོལ་བྱུང་ནས་ལོ་༢་་རྗེས་སུའང་འཇིགས་སྐྲག་མེད་པར་གྱུར་མེད།


དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཞུང་གི་བོད་པ་དང་རྒྱ་མི་རིགས། ད་དུང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པས་བོད་པའི་རྒྱན་ཆ་དང་ནང་པའི་སྐུ་ཐང༌། པར་རིས་སོགས་ལ་བལྟ་བཞིན་སྐོར་སྐྱོད་བྱེད་པ་དང༌། ལམ་ཟུར་དུ་ཕྲུ་གུ་སློང་མོ་བ་ཚོས་མི་རྒན་པའི་ལག་པར་འཇུས་ནས་རྒྱ་སྒོར་ཁ་ཤས་རག་ཐབས་བྱེད་ཀྱི་ཡོད་པ་སྟེ། ལྷ་ལྡན་གཙུག་ལ་ཁང་སོགས་ཀྱི་མདུན་དུ་ཨ་མ་རྒན་རྒོན་དང་རྒན་ཆོས་བྱེད་མི་ཁག་གཅིག་གིས་ཕྱག་འཚལ་ནས་གྲོང་འཁྱེར་ལྷ་སའི་རྒྱུན་ལྡན་གྱི་རྣམ་པ་ཞིག་མངོན་མོད། འོན་ཀྱང་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་གསང་མྱུལ་གྱི དཔར་ཆས་བཙུགས་དང༌། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣེས་སྐོར་གཡེང་བྱེད་ཀྱི་ཡོད་ཅིང༌། བོད་ཀྱི་མཐོ་སྒང་ས་ཁུལ་དུ་འཚོ་བའི་ན་གཞོན་གདོང་མདོག་དམར་ནག་ཅན་ཞིག་གིས་འཇིགས་སྣང་བྱེད་བཞིན་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་གི་གསར་འགོད་པར་བོད་འདི་རྩོད་གཞི་ཅན་གྱི་ས་གནས་ཤིག་ཡིན། རྒྱ་ནག་གཞུང་གིས་དམ་དྲག་ཁོ་ན་བྱས་ནས་བོད་ལ་དབང་སྒྱུར་བྱེད་ཀྱི་ཡོད། འདི་ཕྱོགས་སུ་ད་དུང་ཡང་དྲག་གནོན་གྱི་དངངས་སྐྲག་ཞི་འཇམ་དུ་ཕྱིན་མེད་ཅེས་བཤད་ཡོད་པ་རེད།

XS
SM
MD
LG