ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༢/༠༨

བུ་འཛིན་བཟུང་བྱས་པའི་རྗེས་ཕ་སེམས་སྡུག་གི་འདས་གྲོངས་སུ་གྱུར་བ།


འདི་ལོའི་ཕྱི་ཟླ་༣པའི་ཚེས་༥ཉིན་་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ ངམ་རིང་རྫོང་མདོ་པེ་ཤང་ཁྲེ་ཁོ་གྲོང་ཚོའི་ཚོགས་ཁང་ནང་བརྙན་འཕྲིན་སྟོན་པའི་སྐབས་གྲྭ་ཚེ་དབང་ནོར་བུ་ལགས་ཞུ་བ་དེ་བས། ཀ་བའི་སྟེང་བོད་རང་བཙན་ཞེས་བྲིས་པའི་རྗེས་སྤྱི་བདེ་ཉེན་རྟོག་པ་ཚོས་འཛིན་བཟུང་བཙན་འཁྲིད་བྱས་པར་བརྟེན་ ཁོང་གི་ཕ་རྒན་ཚེ་བརྟན་བཀྲིས་ལགས་སེམས་སྡུག་གི་དབང་གིས་འདས་གྲོངས་སོང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པ་་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་སྐུ་ཞབས་འཇམ་དཔལ་སྨོན་ལམ་ལགས་སུ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG