ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་མི་མང་སྤྱི་འཐུས་དང་བཅའ་ཁྲིམས་སྐྱར་བཅོས།


བོད་མི་མང་སྤྱི་འཐུས་དང་བཅའ་ཁྲིམས་སྐྱར་བཅོས།
བོད་མི་མང་སྤྱི་འཐུས་དང་བཅའ་ཁྲིམས་སྐྱར་བཅོས།

བརྙན་འཕྲིན་གཟིགས་ན། (Real Player)

བརྙན་འཕྲིན་གཟིགས་ན། (Windows Media)

ད་རིང་གི་ཀུན་གླེང་ལས་རིམ་གྱིས་བཞུགས་སྒར་དྷ་རམ་ས་ལ་ནས་བོད་མི་མང་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་དང༌། ཨ་རིའི་མངའ་སྡེ་ཝ་ཤིན་གྱི་ཨེ་ཤ་ཡ་ཚོགས་ཆུང་གི་ཚོགས་མི་སྣ་བཀྲིས་རྣམ་རྒྱལ་ལགས། ནིའུ་ཡོག་ནས་ས་གནས་གཞོན་ནུའི་ཚོགས་ཟུར་ཐུབ་བསྟན་ཐོགས་མེད་ལགས་བཅས་གདན་འདྲེན་ཞུས་ནས་སྤྱི་འཐུས་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཀའ་བློན་ཁྲི་པར་ཡུན་ཚད་གཉིས་བསྟུད་མར་གནང་མཁན་ཞིག་་བཀའ་བློན་ཁྲི་པའི་འོས་མིར་མི་རུང་བ་ཞེས་པར་བཅའ་ཁྲིམས་སྐྱར་བཅོས་དགོས་པའི་གཞུང་འབྲེལ་གྲོས་འཆར་ངོ་སྤྲོད་གནང་ནས་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་རྒྱུ་ཡིན་འདུག་པའི་སྐོར་དང༌། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་བསམ་ཤོག་དང་འབྲེལ་ནས་བོད་མི་མང་སྤྱི་འཐུས་ཀྱི་ལས་དོན་གནང་ཕྱོགས་ལ་ལེགས་བཅོས་ཀྱི་འགྱུར་བ་ཇི་དགོས་སོགས་ཀྱི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན། གནད་དོན་དེའི་སྐོར་བགྲོ་གླེང་ཞུ་རྒྱུར་་ཡོད།


ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།།པདྨ་ཚལ་ལུགས་ཀྱི་བོད་ཡིག་གི་འབྲི་སྲོལ་གསར་པ།

XS
SM
MD
LG