ངོ་འཕྲད་བདེ་བའི་དྲ་འབྲེལ།

དཔལ་ལྡན་བདེ་སྲུང་བཀའ་བློན་ལ་བཅར་འདྲི།


དཔལ་ལྡན་བདེ་སྲུང་བཀའ་བློན་ལ་བཅར་འདྲི།
please wait

No media source currently available

0:00 0:42:31 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
ཉེ་དུས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་བོད་མི་ཚོར་བཀའ་སློབ་གནང་ཆེད་གཞུང་དོན་གཟིགས་བསྐོར་ལ་ཕེབས་ཡོད་པ་དང་། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་ལ་ ༡༩༨༠ གྱ་གྲངས་ཙམ་ནས་ད་ལྟའི་བར་བོད་འབྱོར་མི་མང་ཚོར་གཞུང་གིས་གཟིགས་རྟོགས་གནང་རྒྱུའི་སྲིད་བྱུས་དང་། ད་ལྟའི་བོད་ནང་ཛ་དྲག་གནས་སྟངས། བཙན་བྱོལ་བོད་མིའི་ཆབ་སྲིད་འགྱུར་འགྲོས་ལ་གཞིགས་ཏེ་སྲི་ཞུ་ལས་བྱེད་ཚོའི་བསམ་བློའི་འཁྱེར་བཟོ་དང་ཆོད་སེམས་སོགས་ཀྱི་སྐོར་ལ་དམིགས་བསལ་བཅར་འདྲི་ཞུས་ཡོད་པ་དེ་ད་རིང་ད་རིང་གི་ཀུན་གླེང་ལས་རིམ་གྱིས་སྙན་སྒྲོན་དང་སྤྱན་བསྟར་ཞུ་རྒྱུ་ཡིན།ད།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
XS
SM
MD
LG