ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཡུ་རོབ་བོད་རིགས་ལྷན་ཚོགས་མཇུག་བསྒྲིལ་བྱས་པ།


ཡུ་རོབ་བོད་རིགས་ལྷན་ཚོགས་ཐེངས་གཉིས་པ་དེ་བཞིན་ཕ྄ྷ་རན་སིའི་རྒྱལ་ས་པེ་རི་སིའི་ནང་ཉིན་གཉིས་རིང་བསྐོང་འཚོགས་གནང་ཡོད་པ་དང་ ལྷན་ཚོགས་དེའི་ནང་ཡུ་རོབ་ཀྱི་ཡུལ་གྲུ་ཁག་གི་ནང་གནས་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་འཐུས་མི་༥༥ཙམ་གྱིས་ཚོགས་བཞུགས་གནང་སྟེ་་ ཁོང་རྣམས་ཀྱིས་ཕྱིས་འབྱུང་ཡུ་རོབ་ནང་གནས་པའི་བོད་མི་ཚང་མ་མཐུན་བསྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་དོན་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་བྱུང་པ་བཅས་ཀྱི་སྐོར་འདི་གའི་གནས་ཚུལ་མཁོ་གཏོང་བ་ཐུབ་བསྟན་དགེ་ལེགས་ལགས་ཀྱིས་པེ་རི་སི་ནས་བཏང་པའི་གནས་ཚུལ་ཞིག་གསན་རོགས་གནང༌།

XS
SM
MD
LG