ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡོ་རོབ་དང་རྒྱ་ནག་གི་དངུལ་ལོར་ཛ་ཐང་།


ཡོ་རོབ་དང་རྒྱ་ནག་གི་དངུལ་ལོར་ཛ་ཐང་།

རྒྱ་ནག་གི་སྲིད་བློན་དབུན་ཅ་པའོ་དང་ཡོ་རོབ་མཉམ་འབྲེལ་གྱི་མཐོ་རིམ་འགོ་ཁྲིད་ཚོ་ཉི་མ་གཅིག་ལ་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་དང་། ཁོང་ཚོའི་གྲོས་གཞི་གཙོ་བོ་རྒྱ་ནག་གི་མི་དམངས་ཤོག་སྒོར་ཛ་ཐང་སྤར་ཏེ། ཡོ་རོབ་མཉམ་འབྲེལ་དང་རྒྱ་ནག་གཉིས་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་བྱེད་དགོས་པ་དེ་ཡིན་རུང་། རྒྱ་ནག་གཞུང་གིས་རང་གི་མི་དམངས་ཤོག་སྒོར་གྱི་ཛ་ཐང་སྤར་རྒྱུ་དེར་མོས་མཐུན་བྱས་མེད་པ་དང་། སྲིད་བློན་དབུན་ཅ་པའོ་ཡིས་སྐད་སྒྱུར་ཞིག་བརྒྱུད་ནས་ཨ་མི་རི་ཀ་དང་ཡོ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་མི་དམངས་ཤོག་སྒོར་ཛ་ཐང་སྤར་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཆུང་དུ་གཏོང་དགོས་ཞེས་བཤད་ཡོད་པ་སྟེ། "མི་དམངས་ཤོག་སྒོར་གྱི་ཛ་ཐང་སྤར་དགོས་ཞེས་གནོན་ཤུགས་སྤྲད་ན་ཕན་ཐོགས་མེད་པ་དང་། གང་ལ་ཞེ་ན་རྒྱ་ནག་གི་ཕྱིར་ཚོང་དངོས་ཟོག་བཟོ་འདོན་བྱེད་པའི་བཟོ་ཚོང་ལས་ཁང་མང་པོ་ཞིག་ལ་ཁེ་བཟང་བརྒྱ་ཆ་གཉིས་ནས་གསུམ་ལས་མེད། ང་ཚོའི་ཕྱིར་ཚོང་དངོས་ཟོག་བཟོ་འདོན་བྱེད་པའི་བཟོ་ཚོང་ལས་ཁང་ཁག་གི་ཁེ་བཟང་མང་ཤོས་དེ་བརྒྱ་ཆ་༥་ཡིན་"ཞེས་བཤད་ཡོད་པ་རེད།།

XS
SM
MD
LG