ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུ་རོབ་མཉམ་འབྲེལ་ལ་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ།


ཕྱི་ཟླ་༡༠་ཚེས་༡༢་ཉིན་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་ཕྱི་ལོ་༢༠༡༢་ཀྱི་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཡུ་རོབ་མཉམ་འབྲེལ་ལ་ཐོབ་པའི་གསལ་བསྒྲགས་བྱས་པ་དང་། ཎོ་བེལ་གཟེངས་རྟགས་ཚོགས་ཆུང་གིས་རྒྱལ་ཁབ་༢༧་ལས་གྲུབ་པའི་ཡུ་རོབ་མཉམ་འབྲེལ་གྱིས་ཞི་བདེ་དར་སྤེལ་དང་རྒྱལ་ཁབ་དང་མི་རིགས་རྣམས་མཐུན་སྒྲིལ་རྡོ་རྩ་གཅིག་སྒྲིལ། དེང་སྐབས་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ལ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཀྱང་། ཁོ་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་ཡུ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་པར་བསྔགས་བརྗོད་བྱ་འོས་ཤིང་། སྔོན་ཆད་ཡུ་རོབ་ལ་མཐའ་ལྷུང་རིང་ལུགས་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་དར་ཁྱབ་སོང་སྟེ། འཛམ་གླིང་དམག་ཆེན་དང་པོ་དང་དམག་ཆེན་གཉིས་པ་སོགས་དམག་འཁྲུག་ཆེ་ཁག་འགའ་ཞིག་བླངས་པའི་ལམ་ཕྱོགས་དེ་ནས་གཏན་དུ་ཕྱིར་ཟློག་བྱ་དགོས་པ་དང་། ང་ཚོས་ཡུ་རོབ་ལ་ཞི་བདེ་བརྟན་ལྷིང་ཡོད་པ་རྒྱུན་འཁྱོངས་བྱ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་པ་མ་ཟད། ཡུ་རོབ་མཉམ་འབྲེལ་ཞི་བདེ་དང་བརྟན་ལྷིང་། ད་ལྟའི་རྨང་གཞིའི་ཐོག་ཏུ་མདུན་སྐྱོད་བྱ་དགོས་པའི་སྐུལ་ལྕག་གཏོང་རྒྱུ་དང་། དེར་བརྟེན་ཕྱི་ལོ་༢༠༡༢་ཀྱི་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཡུ་རོབ་མཉམ་འབྲེལ་ལ་སྤྲོད་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG