ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུཀ་རེན་གྱི་བར་བརྒལ་སྲིད་གཞུང་དང་ཡུ་རོབ་མཉམ་འབྲེལ་གྱི་གྲོས་མཐུན།


ཡུ་རོབ་མཉམ་འབྲེལ་དང་ཡུཀ་རེན་གྱི་བར་བརྒལ་སྲིད་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་སོགས་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་ཅིང་། ན་ནིང་ཕྱི་ཟླ་༡༡་པར་ཡུཀ་རེན་གྱི་སྲིད་འཛིན་ཡ་ནུ་ཁོ་ཧྦི་ཆིས་གྲོས་མཐུན་འདིར་མོས་མཐུན་མ་བྱས་པར་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས། ཆབ་སྲིད་བཅས་ཀྱི་འབྲེལ་བ་ཉེ་རུ་གཏོང་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པས། ཡུཀ་རེན་གྱི་མི་མང་གིས་དུས་ཡུན་ཟླ་བ་གསུམ་ཙམ་ལ་ངོ་རྒོལ་བྱས་ནས་སྲིད་འཛིན་ཡ་ནུ་ཁོ་ཧྦི་ཆིའི་སྲིད་གཞུང་མགོ་རྟིང་སློག་པ་དང་། དེར་བརྟེན་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རི་མི་ཡ་རང་སྐྱོང་ས་གནས་བཙན་འཕྲོག་བྱས་ཏེ། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་ཀྱི་ཡོད་པ་དང་། དེ་རིང་ཕྱི་ཟླ་༣་ཚེས་༢༡་ཉིན་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་༢༨་དང་ཡུཀ་རེན་གྱི་བར་བརྒལ་སྲིད་གཞུང་གིས་ཆབ་སྲིད་མཉམ་འབྲེལ་དང་དཔལ་འབྱོར་མཉམ་འབྲེལ། ཚོང་ལས་མཉམ་འབྲེལ་བཅས་ཀྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཀྱང་། ཡུ་རོབ་མཉམ་འབྲེལ་དང་ཡུཀ་རེན་གྱི་རང་དབང་ཚོང་ལས་ཀྱི་གྲོས་མཐུན་དེར་མིང་རྟགས་མེད་པ་དང་། ད་ལོའི་ཕྱི་ཟླ་༥་ནང་ཡུཀ་རེན་ལ་སྲིད་འཛིན་གསར་པ་ཞིག་འོས་འདེམས་བྱས་ཚར་པའི་རྗེས་སུ་ཡུ་རོབ་མཉམ་འབྲེལ་དང་ཡུཀ་རེན་གྱི་རང་དབང་ཚོང་ལས་ཀྱི་གྲོས་མཐུན་དེར་མིང་རྟགས་འགོད་འཆར་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG