༄༅། སིངྒ་ལའི་ཤར་ཕྱོགས་ཀྱི་ཐང་སྟོང་ཞིག་ཏུ་གད་སྙིགས་བླུགས་པའི་འགྱིག་ཤོག་གཡུགས་ཡོད་པ་རྣམས་གླང་ཆེན་གྱིས་བཟས་ཏེ་ཁོག་པའི་ནང་དུ་མ་ཞུ་བར་གཟའ་འཁོར་འདིར་གླང་ཆེན་གཉིས་ལ་འཆི་སྐྱོན་བྱུང་འདུག་ཅེས་སིངྒ་ལའི་དུད་འགྲོ་སེམས་ཅན་གྱི་སྨན་པ་དང་ཁོར་ཡུག རང་བྱུང་ཐོན་ཁུངས་བདག་གཅེས་སྲུང་སྐྱོབ་པ་བཅས་ཀྱིས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།