ངོ་འཕྲད་བདེ་བའི་དྲ་འབྲེལ།

སྔོན་འགྲོའི་འོས་བསྡུ་ལ་དཔྱད་པ།


སྔོན་འགྲོའི་འོས་བསྡུ་ལ་དཔྱད་པ།

བརྙན་འཕྲིན་གཟིགས་ན། (Real Player)

བརྙན་འཕྲིན་གཟིགས་ན། (Windows Media)

ཀུན་གླེང་ལས་རིམ་གྱིས་བཞུགས་སྒར་དྷ་རམ་ས་ལ་ནས་སྤྱི་ཁྱབ་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་དང་། ལོན་ཌན་ནས་ཡུ་རོབ་སྤྱི་འཐུས་བསོད་ནམས་ཕརྶི་ལགས། ནིའུ་ཡོག་གྲོང་ཁྱེར་ནས་བྱང་ཨ་རིའི་ས་གནས་འོས་བསྡུའི་ཚོགས་མི་སྐལ་བཟང་ཚེ་རིང་ལགས་ བཅས་གདན་འདྲེན་ཞུས་ནས་བཙན་བྱོལ་བོད་མི་ཚོས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་དང་མི་མང་གིས་ཐད་ཀར་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་ཐེངས་གསུམ་པ་བཅས་ཀྱི་སྔོན་འགྲོའི་འོས་བསྡུ་ཟིན་ནས་ད་ཆ་དངོས་གཞིའི་འོས་བསྡུའི་གྲ་སྒྲིག་གི་ཕྱོགས་སུ་ཕེབས་ཀྱི་ཡོད་པ་རེད། སྔོན་འགྲོའི་འོས་བསྡུའི་བརྒྱུད་རིམ་དེ་སྔར་དང་མི་འདྲ་བ་ཞིག་བྱུང་ཡོད་པ་མ་ཟད། དེ་ནས་ལེགས་ཉེས་ཀྱི་བསླབ་བྱ་མང་པོ་ལེན་རྒྱུ་ཡོད་པར་བརྟེན་ཀུན་གླེང་ལས་རིམ་གྱིས་སྔོན་འགྲོའི་འོས་བསྡུའི་བརྒྱུད་རིམ་ལ་སྐྱར་ཞིབ་དང་ཉམས་མྱོང་དེ་ལ་གཞིགས་ནས་དངོས་གཞིའི་འོས་བསྡུ་ལ་ཡར་རྒྱས་གཏོང་དགོས་གང་ཡོད་མེད་བཅས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG