ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༡/༡༩

ཨི་ཇེབ་ཀྱི་དམག་གི་དྲག་གནོན་དང་རྒྱལ་སྤྱིའི་སྐྱོན་བརྗོད།


egypt
egypt
ཕྱི་ཟླ་༨་ཚེས་༡༤་ཉིན་ཨི་ཇེབ་ཀྱི་དམག་གིས་ཁ་ཆེ་ཕུ་ནུ་ཚོགས་པའི་རྒྱབ་སྐྱོར་པ་ཚོར་དྲག་གནོན་བྱས་པར་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་སྲིད་གཞུང་། ད་དུང་ཨི་ཇེབ་ཀྱི་སྲིད་འཛིན་ཟུར་པ་མཱོ་སི་ལ་རྒྱབ་སྐྱོར་བྱེད་མཁན་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ཅིང་། བདུན་ཕྲག་གཉིས་ཀྱི་གོང་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་འཇཱོན་ཁེ་རིས་ཨི་ཇེབ་ཀྱི་དམག་གིས་ཁ་ཆེ་ཕུ་ནུ་ཚོགས་པའི་སྲིད་གཞུང་མགོ་རྟིང་སློག་སྟེ། ཨི་ཇེབ་ལ་བར་བརྒལ་སྲིད་གཞུང་བཙུགས་ནས་དམངས་གཙོ་སླར་གསོ་བྱེད་ཡོད་པར་བསྔགས་བརྗོད་བྱས་ཀྱང་། ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨི་ཇེབ་ཀྱི་དམག་གིས་ཁ་ཆེ་ཕུ་ནུ་ཚོགས་པའི་རྒྱབ་སྐྱོར་པ་ཚོར་དྲག་གནོན་བྱས་པར་ཁ་རྡུང་བཏང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG