ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཁ་ཆེའི་ལྟ་བ་མཁྲེགས་འཛིན་པ་༣༦་དམར་གསོད།


ཁ་སྔོན་ཕྱི་ཟླ་༧་ཚེས་༣་ཉིན་ཨི་ཇེབ་ཀྱི་དམག་གིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་འཛིན་མཱོར་སིའི་སྲིད་གཞུང་མགོ་རྟིང་སློག་སྟེ། རྒྱལ་ཁབ་དེའི་ཁ་ཆེའི་ལྟ་བ་མཁྲེགས་འཛིན་པ་སྟོང་ཕྲག་འགའ་ཞིག་འཛིན་བཟུང་བྱས་ཤིང་་། ཁ་སང་གཟའ་ཉི་མའི་ཉིན་ཨི་ཇེབ་ཀྱི་དམག་གི་འཛིན་བཟུང་འོག་ཏུ་ཡོད་པའི་ཁ་ཆེའི་ལྟ་བ་མཁྲེགས་འཛིན་པ་༣༦་ལ་སྲོག་སྐྱོན་ཕོག་པ་བར་བརྒལ་གཞུང་གིས་ངེས་གཏན་བྱས་ཡོད་པས། ད་བར་ཨི་ཇེབ་ཀྱི་ཟིང་འཁྲུག་ནང་དུ་མི་༡༠༠༠་ལྷག་ལ་སྲོག་སྐྱོན་བྱུང་བའི་མང་ཆེ་བ་ཁེ་ཆེའི་ལྟ་བ་མཁྲེགས་འཛིན་པ་རྣམས་ཡིན་པ་དང་། ཨི་ཇེབ་ཀྱི་ནང་སྲིད་ལྷན་ཁང་གིས་བཙོན་པ་དེ་ཚོ་བྲོལ་བྱོལ་ལ་འགྲོ་ཐབས་བྱས་ནས་བཙོན་སྲུང་བ་ཚོས་མེ་མདའ་བརྒྱབ་ནས་བསད་པ་རེད་ཅེས་འགྲེལ་བཤད་བརྒྱབ་ཀྱང་། ཨི་ཇེབ་ཀྱི་ཁ་ཆེའི་ཕུ་ནུ་ཚོགས་པས་མི་དེ་ཚོར་མེ་མདའ་བརྒྱབ་པའི་རྗེས་སུ་སྒེའུ་ཁུང་དང་མཁའ་རླུང་འགྲོ་ས་མེད་པའི་བཙོན་པའི་རླངས་འཁོར་ནང་དུ་བཅུག་པ་དང་། དེ་ནས་རླངས་འཁོར་ནང་དུ་མཆི་སྦྱིན་དུག་རླངས་གཡུགས་ནས་མི་དེ་ཚོ་དབུགས་འགགས་ནས་ཤི་བ་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG