ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་ཇེབ་ཀྱི་ངོ་རྒོལ་ཁྲོམ་སྐོར།


ཨི་ཇེབ་ཀྱི་ངོ་རྒོལ་ཁྲོམ་སྐོར།

གཟའ་པ་སངས་ཉིན་ཨི་ཇེབ་མི་མང་འབུམ་ཕྲག་མང་པོ་སླར་ཡང་རྒྱལ་ས་ཁེ་རོ་གྲོང་ཁྱེར་གྱི་བཅིངས་འགྲོལ་ཐང་ཆེན་ལ་འཛོམས་པ་དང་། ཁོང་ཚོས་སྲིད་འཛིན་ཧོ་སེ་ཎི་མུ་བྷ་རག་ཡིས་རང་གི་ལས་གནས་ནས་གནང་བ་ཞུས་ཏེ། ཁོང་གིས་ལོ་ངོ་བཅུ་ཕྲག་གསུམ་ལ་སྲིད་དབང་བཟུང་བ་མཇུག་བསྒྲིལ་དགོས་ཞེས་སྐད་འབོད་བྱས་ཡོད་པ་དང་། སྲིད་འཛིན་མུ་བྷ་རག་ཡིས་ཨ་མི་རི་ཀའི་ཨེ་བི་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཁོང་སྲིད་འཛིན་གྱི་ལས་གནས་ནས་གནང་བ་ཞུ་འདོད་ཡོད་ཀྱང་། གལ་ཏེ་ཁོང་གིས་སྲིད་གཞུང་བརྟན་པོ་ཞིག་ལ་སྲིད་དབང་རྩིས་སྤྲོད་བྱེད་མ་ཐུབ་པར་བགྲེས་ཡོལ་ལ་ཕེབས་ཚེ། ཨི་ཇེབ་ལ་ནང་འཁྲུག་ལངས་ནས་ཟིང་འཁྲུག་ལང་རྒྱུའི་ཉེན་ཀ་ཡོད་ཅེས་བཤད་ཡོད་པ་རེད།

XS
SM
MD
LG