ངོ་འཕྲད་བདེ་བའི་དྲ་འབྲེལ།

བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བོད་མི་སློབ་མ་ཚོར་སློབ་སྦྱོང་མཐར་སོན་བྱེད་ཕྱོགས་ཀྱི་ལམ་སྟོན།


ཨ་རིའི་ཁེ་ལེ་ཕོ་ནི་ཡའི་ཕུའ་ལ་ཀྲོན་མཐོ་རིམ་སློབ་གྲྭའི་རིག་གཞུང་འདྲ་མིན་གྱི་འབྲེལ་ལམ་གྱི་རིག་གནས་ཐོག་སློབ་ཁྲིད་གནང་མཁན་སློབ་དཔོན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རང་ཉིད་བོད་མི་དང་ནང་པ་ཞིག་ཡིན་པའི་བསམ་བློའི་རྒྱབ་ལྗོངས་ཐོག་ནས་སློབ་ཁྲིད་བྱེད་བཞིན་པར་བློ་གསལ་གཞོན་སྐྱེས་མང་པོས་ཡིད་མོས་བྱེད་ཀྱི་འདུག་ཅེས་དང་ དེ་བཞིན་ཁོང་གིས་མཐོ་རིམ་སློབ་གྲྭའི་ནང་སྐྱོད་མཁན་བོད་པའི་སློབ་ཕྲུག་ཚོར་དམིགས་ཀར་ལམ་སྟོན་གནང་བའི་ནང་ ཨ་རི་ལྟ་བུའི་ནུབ་ཕྱོགས་རྒྱལ་ཁབ་ནང་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་གང་འདྲ་ཞིག་ལའང་སློབ་ཚན་འདྲ་མིན་དང་དཔལ་འབྱོར་གྱི་རོགས་འདེགས་ལས་འཆར་ཇེ་མང་ཞིག་ཡོད་སྟབས་ བོད་པའི་ན་གཞོན་ཚོས་རིག་གཅིག་རྐང་འཛིན་བྱེད་རྒྱུ་སོགས་དམིགས་ཡུལ་ཆེན་པོ་འཛིན་རྒྱུ་གལ་ཆེན་པོ་ཡིན་པའི་ཁར་ གོ་སྐབས་བཟང་པོ་རྣམས་ཆུད་ཟོས་སུ་མ་བཏང་བར་དཔལ་འབྱོར་གྱི་རྒྱབ་རྟེན་འཚོལ་ཞིབ་བྱས་ན་གྲུབ་ངེས་ཡིན་པར་རྟེན་ སོ་སོའི་དམིགས་ཡུལ་གྲུབ་རྒྱུར་སློབ་སྦྱོང་ལ་འབད་བརྩོན་ངེས་པར་བྱེད་དགོས་པའི་དགོས་ལུགས་ལམ་སྟོན་གནང་སོང་བ་བཅས་གཟའ་འཁོར་འདིའི་འདི་གའི་རླུང་འཕྲིན་ཁང་གི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་དེ་གསན་རོགས་གནང་།

XS
SM
MD
LG