ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ནང་ཡང་བསྐྱར་ཆུ་ལོག་གི་གནོད་སྐྱོན་བྱུང་བ།


རྒྱ་ནག་ཡུའུ་ནན་ཞིང་ཆེན་ནང་དུ་ད་རིང་སླར་ཡང་ཆུ་ལོག་གིས་རྐྱེན་པས་འདམ་བག་འདྲེས་མའི་རི་ཉིལ་ཏེ་མི་༦༧ ཙམ་བོར་བརླག་ཏུ་སོང་བ་དང་མི་གྲངས་སྟོང་གཅིག་ལྷག་གི་སྡོད་གནས་སྤོ་དགོས་ཆགས་ཡོད་པ། ཡང་མི་གྲངས་༣༠ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག་པ་ འདི་ནི་རྒྱ་ནག་གི་ནང་དུ་ཉིན་ཤས་སྔོན་ནས་ས་ཁུལ་འདྲ་མིན་ཁག་ཏུ་ཆར་བ་ཤུགས་ཆེ་བབས་པའི་རྗེས་རི་ ཉིལ་ཏེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེ་ཕོག་གིན་ཡོད་པའི་གྲས་ཀྱི་གནས་ཚུལ་གཅིག་ཡིན་པ་རེད། རྒྱ་ནག་ནང་ད་ལོ་དབྱར་ཁ་ཆུ་ལོག་གི་གནོད་སྐྱོན་ཐཻབས་བཞིན་པ་འདི་ནི་རྒྱ་ནག་གི་ནང་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེ་ཤོས་དེ་ཆགས་ཡོད་པ་རེད།

XS
SM
MD
LG