ངོ་འཕྲད་བདེ་བའི་དྲ་འབྲེལ།

ནང་པའི་ཚན་རིག་གི་དཔེ་དེབ་ཟིན་བྲིས་ལ་མཐའ་མའི་བགྲོ་གླེང་གནང་གི་ཡོད་པ།


༄༅། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་ ནང་པ་སངས་རྒྱས་པའི་གཞུང་ནས་བཤད་པའི་ཚན་རིག་དང་ ལྟ་གྲུབ་ དེ་བཞིན་ཉམས་ལེན་བཅས་སྡེ་ཚན་གསུམ་ལ་དབྱེ་བ་ཕྱེ་གནང་མཛད་པའི་ཁོངས་ནས་ཚན་རིག་དང་ ལྟ་གྲུབ་ཀྱི་སྡེ་ཚན་གཉིས་ནི་ནང་པའི་ཆོས་ཉམས་སུ་མ་ལེན་མཁན་རྣམས་ལ་ཡང་ཕན་ཐོགས་ཆེན་པོ་ཡོད་ལུགས་བཀའ་གནང་གི་ཡོད་པ་བཞིན་ ཕྱི་ཟླ་༩པའི་ཚེས་༢༣ནས་ཉིན་གསུམ་གྱི་རིང་བཞུགས་སྒར་སྐུའི་ཕོ་བྲང་དུ་འཕགས་ཡུལ་གྱི་ནང་པའི་གཞུང་ལས་བཤད་པའི་ཚན་རིག་དང་ ལྟ་གྲུབ་ཀུན་བཏུས་ཆེན་མོ་ཞེས་པའི་ཚན་རིག་དང་འབྲེལ་བའི་ཕྱག་དེབ་པོད་གཉིས་ཀྱི་ཐོག་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་ མཁས་དབང་ཟམ་གདོང་རིན་པོ་ཆེ་བཅས་ཀྱིས་གཟིགས་ཞིབ་དང་འབྲེལ་ བགྲོ་གླེང་གནང་གི་ཡོད་ཅིང་ ཕྱག་དེབ་པོད་གཉིས་པོ་དུས་སང་ཕྱི་ལོ་༢༠༡༤ལོར་དངོས་སུ་འདོན་སྤེལ་གནང་འཆར་ཡོད་པ་བཅས་ཀྱི་སྐོར་འདི་གའི་གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་རྡ་རམ་ས་ལ་ནས་བཏང་བའི་གནས་ཚུལ་ཞིག་གསན་གྱི་རེད།
XS
SM
MD
LG