ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བྷ་ཌན་ལ་རྒྱབ་སྐྱོར་བ་མང་ཞིང་གདོང་ལེན་བྱ་དགོས་པའང་མང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མ་འོངས་པའི་གཟའ་འཁོར་གསུམ་གྱི་ནང་ཇོ་བྷ་ཌན་ཁོང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལ་དངོས་སུ་གཏན་ཁེལ་མ་བྱུང་བའི་བར་དུ་ཁོང་གི་གཏམ་བཤད་དང་དགོངས་འཆར་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ་ཡིན་པས། ཁོང་ལ་མཐའ་མཇུག་གི་འདེམས་ཐོན་ཡོང་རྒྱུར་ད་དུང་ཉེན་ཁ་ཡོད་པ་རེད་ཅེས་ཉམས་ཞིབ་པ་ཚོས་བརྗོད་འདུག

ཨ་རིའི་སྲིད་འཛིན་འོས་འདེམས་ཆེན་མོ་སླེབས་པར་དུས་ཡུན་ཉིན་བརྒྱ་མ་ཟིན་ཙམ་ཞིག་ལས་ལྷག་མེད་པའི་སྐབས་འདིར། མི་དམངས་ཀྱི་དགོངས་ཚུལ་བསྡུ་ལེན་བྱས་པ་ལྟར་ན ཏོག་དབྱིབས་ནད་དུག་གིས་རྐྱེན་ལས་འདས་གྲོངས་སུ་ཕྱིན་པའི་མི་འབོར་ཡར་འཕར་བཞིན་ཡོད་པ་དང་བསྟུན་སྲིད་འཛིན་ཁྲོམ་ཕུ་མཆོག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚད་དེ་རིམ་བཞིན་མར་ཆགས་གི་ཡོད་ཅིང་། ཡང་ཁོང་གི་ཁ་གཏད་སྲིད་འཛིན་འོས་མི་ཇོ་བྷ་ཌན་ལགས་ལ་རྒྱབ་སྐྱོར་མང་ཙམ་ཡོད་པ་འདྲ་པོ་མཐོང་གི་ཡོད་ན་ཡང་། མ་འོངས་པའི་གཟའ་འཁོར་གསུམ་གྱི་ནང་ཇོ་བྷ་ཌན་ཁོང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལ་དངོས་སུ་གཏན་ཁེལ་མ་བྱུང་བའི་བར་དུ་ཁོང་གི་གཏམ་བཤད་དང་དགོངས་འཆར་ལ་ཞིབ་བཤེར་ནན་མོ་བྱ་རྒྱུ་ཡིན་པས། ཁོང་ལ་མཐའ་མཇུག་གི་འདེམས་ཐོན་ཡོང་རྒྱུར་ད་དུང་ཉེན་ཁ་ཡོད་པ་རེད་ཅེས་ཉམས་ཞིབ་པ་ཚོས་བརྗོད་འདུག

XS
SM
MD
LG