ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ལོ་༡༩༥༩ལོར་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་གཙོས་པའི་བོད་མི་ཚོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་ལྟར། ཕྱིས་སུ་ལྷ་སའི་བོད་ཀྱི་སྨན་རྩིས་ཁང་དེ་བཙན་བྱོལ་ནང་དུ་བསྐྱར་གསོ་གནང་ཡོད་པ་རེད། ད་ལྟ་བཙན་བྱོལ་དུ་བོད་ཀྱི་སྨན་རྩིས་ཁང་བསྐྱར་གསོ་བྱས་ཏེ་ལོ་ངོ་༥༣འཁོར་བའི་དུས་དྲན་སྲུང་བརྩི་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་གནང་ཡོད་འདུག འདིའི་སྐོར་ས་གནས་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།།
XS
SM
MD
LG