ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཚའོ་ཞུན་ལའི་འདས་གྲོངས་ཀྱི་ཐད་རྒྱལ་ཚོགས་སུ་གླེང་དགོས་པའི་སྐུལ་མ།


རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཕྱི་ཟླ་གསུམ་པ་འདིའི་ཚེས་༡༤ཉིན་སྨན་ཁང་ནང་གཟུགས་པོའི་ནང་འཁྲོལ་བེད་མེད་དུ་གྱུར་ཏེ་འདས་གྲོངས་སོང་བ་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚའོ་ཞུན་ལེའི་ཡི་གནད་དོན་ཐད་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་གླེང་དགོས་པའི་སྐུལ་མ་བྱས་འདུག་པ་མ་ཟད་ བེུད་དེའི་ཆེས་ཐབས་སྐྱོ་བའི་གནས་སྟངས་དེའི་འགན་ཁག་རྒྱ་ནག་གཞུང་ལ་ཡོད་ཅེས་བརྗོད་ཀྱི་ཡོད་པ་རེད། འདིའི་ཐད་པདྨ་བདེ་ཆེན་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ཀྱི་འབྲུ་དོན་སོགས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG