ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མི་༡༡༡༧ལྷག་རྐྱེན་འདས་སུ་སོང་འདུག


མདོ་སྨད་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་གི་ཁུལ་དུ་རང་བྱུང་གི་གནོད་འཚེ་བྱུང་བ་དེའི་ཁྲོད་དུ། ད་ཆ་རྐྱེན་འདས་སུ་སོང་བའི་མི་ཆིག་སྟོང་ལས་བརྒལ་ཡོད་པ་དང༌། ད་དུང་མུ་མཐུད་ནས་མི་རྐྱེན་འདས་སུ་འགྲོ་བཞིན་པའི་གྲངས་ཀ་འཕར་གྱིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཐེངས་འདིའི་གནོད་སྐྱོན་དེ་རང་བྱུང་གི་གོད་ཆགས་ཡིན་པར་ཕྱིར་བསྒྲགས་བྱེད་ཀྱིན་ཡོད་ཀྱང་རྒྱ་ནག་གི་ས་ཁམས་རིག་པ་སྐད་གྲགས་ཅན་ཞིག་གིས་བརྗོད་ན་དེ་ནི་ཁོར་ཡུག་ལ་གཏོར་བཤིག་བཏང་བ་ལས་བྱུང་བ་ཡིན་པ་དང་ལྷག་པར་དུ་སྤྱི་ལོ་༡༩༥༩ལོ་ནས་སྤྱི་ལོ་༢༠༠༠ལོ་བར་ལ་འབྲུག་ཆུ་རྫོང་ཁོངས་ཀྱི་ས་ཁུལ་ཁག་ཏུ་ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་བསྔོག་འདོན་ཚད་ལས་བརྒལ་བ་བྱས་ཡོད་པར་བརྗོད་ཡོད།

XS
SM
MD
LG