ངོ་འཕྲད་བདེ་བའི་དྲ་འབྲེལ།

གཞུང་གིས་སྡེབས་གསོད་བཏང་བ་རེད་དམ། ཁ་ཆེ་བའི་དྲག་སྤྱོད་པས་བསྟོར་རྒོལ་བཏང་བ་ཞིག་རེད་དམ།


སྤྱི་ཟླ་བདུན་པའི་ཟླ་མཇུག་ལ་ཞིན་ཅང་ཁཱ་ཤི་རྒར་དུ་མི་སྡེབས་གསོད་ཀྱི་དོན་རྐྱེན་བྱུང་བ་དེ། རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེས་འཆར་གཞི་དང་སྦྱོར་བརྡར་ཡོད་པའི་་དྲག་སྤྱོད་སྤེལ་བ་རེད་ཅེས་གཞུང་གཉེར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ཡོད་ཀྱང་། རྒྱལ་སྤྱིའི་གསར་འགོད་པ་ཚོས་རྒྱ་་ནག་གཞུང་གིས་ས་གནས་ཀྱི་ཁ་ཆེ་ཚོའི་ཆོས་ལུགས་བྱེད་སྒོ་བཀག་སྡོམ་ལ་དྲག་གནོན་བྱས་པ་ཡིན་པ་ཁུངས་ལྡན་གནས་ཚུལ་འབྱོར་ཡོད་པར་བརྗོད་འདུག། ཡང་ཡུ་གུར་རང་དབང་ལས་འགུལ་བ་ཚོས་བརྗོད་ན་དེ་ནི་སྡེབས་གསོད་ཆེན་མོ་ཞིག་ལ་ངོས་འཛིན་བྱེད་བཞིན་པ་རེད། དོན་དངོས་སུ་དོན་རྐྱེན་དེ་ནི་གཞུང་གི་སྡེབས་གསོད་ཅིག་ཡིན་ནམ་ཡང་ན་ཁ་ཆེ་དྲག་སྤྱོད་པ་ཚོས་བསྟོར་རྒོལ་བཏང་བ་ཡིན་ནམ། ཞེས་འདྲི་བ་ཆགས་ཀྱི་ཡོད་པ་འདིའི་སྐོར་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་བྱེད་དེ་སྙན་སྒྲོན་ཞུ་རྒྱུ་རེད།

XS
SM
MD
LG