ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་ཚོས་མཇལ་འཕྲད།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་རླབས་ཆེའི་མཛད་འཕྲིན་དུ་མ་ཞིག་བསྐྱངས་ཤིང་། ཁ་སང་གཟའ་ཕུར་བུ་ཉིན་༧གོང་ས་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་གྲོས་ཚོགས་གོང་མར་ཕེབས་ཏེ་སྔ་དྲོའི་སྨོན་ལམ་གསུངས་ནས་གྲོས་ཚོགས་ཀྱི་ལས་དོན་དབུ་འཛུགས་གནང་ཡོད་པ་མ་ཟད། དེའི་རྗེས་སུ་གྲོས་ཚོགས་གོང་འོག་གི་འགོ་ཁྲིད་རྣམ་དང་འཐུས་མི། གྲོས་ཚོགས་འཐུས་མི་ཚོའི་ལས་བྱེད་པ་བཅས་ལ་མཇལ་འཕྲད་རིམ་པ་ཞིག་གནང་ཡོད་པའི་སྐོར། པདྨ་བདེ་ཆེན་ལགས་གྲོས་ཚོགས་སུ་ཆེད་བཅར་གྱིས་གནས་ཚུལ་སྤེལ་པ་དང་། ད་དུང་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG