ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་ལུ་གྷ་རར་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་མཇུག་ཏུ་རྒྱ་གར་གྱི་མངའ་སྡེ་བྷང་གྷལ་དང་འབྲས་ལྗོངས་སུ་ཆིབས་བསྒྱུར་གནང་གཏན་འཁེལ་འདུག་པ་དང་། ཁུལ་དེའི་ས་ཁུལ་དེའི་དད་ལྡན་ཆོ་ཞུ་ཡོངས་ས་གནས་གཅིག་ཏུ་འདུ་འཛོམས་བྱེད་བདེའི་དགོངས་བཞེད་གཙོ་བཟུང་གིས་ཕྱི་ཚེས ༢༧ ནས་ནུབ་བྷང་གྷལ་གྱི་གྲོང་ཚོ་ས་ལུ་གྷ་རར་ཉིན་གཉིས་རིང་ལམ་རིམ་བསྡུས་དོན་དང་སེམས་ཉིད་ངལ་གསོའི་ཆོས་འབྲེལ་མཛད་རྒྱུ་ཡི་པ་དང་། ས་གནས་དེར་དེ་སྔོན་ལོ་བཅུ་ཕྲག་གཉིས་ཙམ་གོང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡང་ཌསྩལ་གནང་མཛད་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་དྷ་རམ་ས་ལ་ནས་འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།
XS
SM
MD
LG