ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་ལ་ཧྥ་རན་སིའི་བརྙན་འཕྲིན་ལས་ཁང་ཁག་གིས་བཅར་འདྲི།


ཕྱི་ཟླ་༨་ཚེས་༡༢་ནས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་ཧྥ་རན་སི་ལ་ཕེབས་ཡོད་པ་དང་། གཟའ་ཟླ་བའི་ཉིན་ཧྥ་རན་སིའི་བརྙན་འཕྲིན་ལས་ཁང་འགའ་ཞིག་གི་གསར་འགོད་པ་ཚོས་༧གོང་ས་མཆོག་ལ་བོད་རྒྱའི་འབྲེལ་མོལ་དང་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས། རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དང་། ད་ལོ་༧གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་བོད་མི་མང་གིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་སྟེ། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལ་འཕོ་འགྱུར་ཆེན་པོ་ཞིག་སོང་ཡོད་པ་དང་། གལ་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ཆབ་སྲིད་ཐུགས་འགན་མ་བཞེས་ཚེ། རྒྱལ་སྤྱིའི་ཐོག་ཏུ་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཤུགས་ཆུང་དུ་འགྲོ་མི་སྲིད་དམ་ཞེས་བཅར་འདྲི་ཞུས་ཡོད་པ་རེད།

XS
SM
MD
LG