ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་མེཀ་སི་ཀོའི་སྲིད་ཟུར་གྱི་དཔེ་མཛོད་ཁང་དུ་གསུང་བཤད་བསྩལ་ཡོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མེཀ་སི་ཀོའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝིན་སེནྜ་ ཕོཀ་སི་ཡི་དཔེ་མཛོད་ཁང་དུ་ཆིབས་བསྒྱུར་གནང་སྟེ། ཉེ་ལམ་གསར་དུ་འཛུགས་བསྐྲུན་གནང་བའི་དཔེ་མཛོད་ཁང་དེར་གཟིགས་ཞིབ་གནང་བ་དང་འབྲེལ། དཔེ་མཛོད་ཁང་གི་ཕྱི་ཕྱོགས་སུ་མང་ཚོགས་དྲུག་སྟོང་སྐོར་ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་རྣམས་ལ་བླང་དོར་གྱི་བཀའ་སློབ་བསྩལ་བ་དང་། བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་བ་བསྩལ་བ་སོགས་གནང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG