ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་འབྲས་ལྗོངས་ཀྱི་ས་འགུལ་ལ་ཐུགས་སྨོན།


༧གོང་ས་མཆོག་གིས་འབྲས་ལྗོངས་ཀྱི་ས་འགུལ་ལ་ཐུགས་སྨོན།

རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་འབྲས་ལྗོངས་དང་བོད། བལ་ཡུལ་བཅས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་ཁག་ཅིག་ལ་ས་འགུལ་རྒྱུགས་པ་དང་། ད་ཐེངས་ཀྱི་ས་ཡོམ་གོད་ཆག་ཁྲོད་དུ་བོད་རང་སྐྱོང་ལྗོངས་སུ་༧་དང་འབྲས་ལྗོངས་སུ་མི་༥༠་ཐམ་པ། རྒྱ་གར་གྱི་ནུབ་བང་གྷ་ལ་མངའ་སྡེའི་མི་༡༢་དང་བི་ཧར་མངའ་སྡེའི་མི་དྲུག བལ་ཡུལ་གྱི་མི་༦་བཅས་ཁྱོན་བསྡོམས་མི་༨༡་ལ་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད། དེར་བརྟེན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཚན་ཐོག་ཏུ་བཀའ་ཡིག་ཅིག་བརྩལ་ཏེ། ཉེ་རབས་ཀྱི་ལོ་རྒྱུས་ནང་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་གནས་སྤྱི་དང་། ལྷག་པར་དུ་འབྲས་ལྗོངས་ལ་ས་འགུལ་རྒྱུགས་ཏེ། མི་རྒྱུ་ཟོག་གསུམ་ལ་གནོད་ཚབས་ཆེན་པོ་ཐེབས་པ་དེར་ངོས་རང་ཧ་ཅང་བློ་ཕམ་བྱུང་ཞིང་། ངོས་ནས་ས་ཡོམ་གོད་ཆག་ནང་དུ་རྐྱེན་འདས་སུ་གྱུར་པའི་གཤིན་པོ་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་བཟའ་མི་རྣམས་ལ་སེམས་གསོ་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་། ༧གོང་ས་མཆོག་གི་ཡིད་ཆེས་དགེ་རྩ་ཁང་གིས་འབྲས་ལྗོངས་མངའ་སྡེའི་ས་ཡོམ་ལ་ངལ་སྐྱོབ་རོགས་དངུལ་རྒྱ་གར་གྱི་ཧིན་སྒོར་འབུམ་༥་ཞལ་འདེབས་གནང་ཡོད་པ་རེད།

XS
SM
MD
LG