ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ངལ་སེལ་ཞལ་འདེབས་གནང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཁ་སང་རྒྱ་གར་གྱི་བྱང་ཤར་ཕྱོག་སུ་ཆགས་པའི་ནུབ་བངྒ་ལ་མངའ་སྡེ་དང་ཨོ་རི་ས། བངྒ་ལ་རྒྱལ་ཁབ་བཅས་ལ་ཨམ་ཧྥན་ཞེས་པའི་དྲག་ཆར་རླུང་འཚུབ་གཡུགས་ཏེ་མི་རྒྱུ་ཟོག་གསུམ་ལ་གོད་ཆག་ཆེན་པོ་བྱུང་ཡོད་ཅིང་། དེ་རིང་ཕྱི་ཚེས་༢༡་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བངྒ་ལ་མངའ་སྡེའི་བློན་ཆེན་མ་མ་ཏ་བྷན་ནར་ཇཱི་དང་། དེ་བཞིན་ཨོ་རི་ས་མངའ་སྡེའི་བློན་ཆེན་ནཱ་ཝྭིན་པ་ཏ་ནེཀ་གཉིས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་བཀའ་ཡིག་རེ་སྩལ་གནང་མཛད་པར་མ་ཟད། དཀའ་སྡུག་འོག་ཏུ་ལུས་པའི་མང་ཚོགས་ལ་སྐྱིད་སྡུག་མཉམ་མྱོང་གི་ཚུལ་དུ་གོང་འཁོད་མངའ་སྡེ་གཉིས་ཀྱི་བློན་ཆེན་རྣམ་པའི་ངལ་སེལ་ཐེབས་རྩ་ཚོགས་པར་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་ནས་ཞལ་འདེབས་གནང་འདུག་པའི་སྐོར། བཞུགས་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG