ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཆུ་ལོག་གི་གནོད་འཚེ་བྱུང་བའི་ཨོཽས་ཀྲེ་ལི་ཡེའི་མི་རྣམས་ལ་ཐུགས་གསོའི་གསུངས་འཕྲིན་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཨཽས་ཀྲེ་ལི་ཡའི་བྱང་ཤར་ཞིང་ཆེན་ཀུ་ཡིནས་ལེན་ཏྲི་ནང་ ཆུ་ལོག་ཚབས་ཆེ་བྱུང་སྟེ་ད་ཕན་མི་བཅུ་ལ་སྲོག་སྐྱོན་དང་མང་པོ་གར་སོང་ཆ་མེད་དུ་འགྱུར་བའི་གནས་ཚུལ་བྱུང་བར་ ཐུགས་ཕམ་ཧ་ཅང་ཆེན་པོ་བྱུང་ཞེས་ མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བརྩལ་གནང་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG