ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

༧གོང་ས་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཀྱི་གསུང་བཤད།


བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་ཚོགས་ཆེན་དུ་ཨི་ཇིབ་དང་། ཊུ་ནི་ཤི་ཡར་འགྱུར་བ་ཤུགས་ཆེ་འགྲོ་བཞིན་པ་ལྟར་བོད་ལའང་འགྱུར་བ་འགྲོ་སྲིད་པ་དང་། ད་ལྟ་བོད་ནང་ལོགས་སུའང་གནས་སྐབས་རིང་དྲག་གནོན་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། བོད་པ་ཚོ་སེམས་ཤུགས་མ་ཆག་པར་ཚང་མས་གཟབ་ནན་བྱེད་དགོས་ཞེསབཀའ་སློབ་བརྩལ་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་མོན་སྒོ་འདོད་རྒུ་གླིང་ནས་ང་ཚོའི་གསར་འགྱུར་མཁོ་གཏོང་བ་འཇིགས་བྲལ་བསྟན་འཛིན་གྱིས་བཏང་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG