ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༢༡་ཉིན་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ཡོད་ཅིང་། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་གཞུང་འབྲེལ་མི་སྣ་ཁག་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། དད་ལྡན་མི་མང་བརྒྱ་ཕྲག་མང་པོས་ཆར་ཞོད་ཀྱིས་ཕེབས་ལམ་བདེ་བོ་མེད་པའང་གཙང་བཟོ་བྱས་ཏེ་དྲི་བསང་བདུག་སྤོས་དང་དཀར་གཙང་མཇལ་དར་ཐོགས་ཏེ་དད་གུས་སྤྲོ་གསུམ་གྱི་སྒོ་ནས་༧གོང་ས་མཆོག་ཕེབས་བསུ་ཞུས་ཡོད་པའི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG