ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉེ་ལམ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སློབ་གྲྭ་རྩེ་ཕུད་ཀྱི་གྲལ་ཌིང་ཌཱེལ་སེ་སྒོ་ཕྱེ་ཏེ་ལོ་༥༠་ཐམ་པ་འཁོར་བའི་དུས་དྲན་ལ་གསུང་བཤད་གནང་རྒྱུ་དང་། དེ་བཞིན་རྡེ་ར་རྡུན་གྱི་སྒོམ་སྒྲུབ་བསྟི་གནས་ཁང་ཞིག་གི་དབུ་འབྱེད་མཛད་རྒྱུ་སོགས་ཀྱི་ཆེད་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལི་གསར་པ་དང་ལྡེ་ར་རྡུན་བཅས་སུ་ཉིན་ལྔའི་རིང་ཆིབས་སྒྱུར་གནང་སྟེ། ཁ་སང་ཕྱི་ཚེས་༡༡་ཉིན་༧གོང་ས་མཆོག་གི་ཆིབས་སྒྱུར་ཁག་ལེགས་གྲུབ་བྱུང་སྟེ་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་མཛད་འདུག་ཅིང་། ༧གོང་ས་མཆོག་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཡོད་པའི་གྷཱ་གྷལ་གནམ་ཐང་དུ་ཕེབས་འབྱོར་གནང་བའི་སྐབས་སུ་སྲིད་སྐྱོང་བློ་བཟང་སེངྒེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ཕེབས་བསུ་བཅར་མེད་མོད། འོན་ཀྱང་ཉེ་ཆར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་དགོངས་ཞུས་པའི་ཚབ་ལ་བདེ་སྲུང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་དང་དགའ་ལྡན་ཕོ་བྲང་གི་ལས་སྣེ་རྣམས་༧གོང་ས་མཆོག་གི་ཕེབས་བསུར་བཅར་ཡོད་པ་རེད།།

XS
SM
MD
LG