ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ཧྥི་ལི་ཕིན་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།


༧གོང་ས་མཆོག་གིས་ཧྥི་ལི་ཕིན་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥི་ལི་པིན་གྱི་སྲིད་འཛིན་ལ་རྒྱལ་ཁབ་དེའི་ལྷོ་ཕྱོགས་སུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་ཕོག་ནས་མི་མང་ཚེ་སྲོག་ཤོར་པ་དང་། ཁང་ཁྱིམ་དང་ནོར་ཕྱུགས་སོགས་ལ་གོད་ཆག་ཧ་ཅང་ཚབས་ཆེ་ཕོག་པར་ཐུགས་ཕམ་ཆེན་པོ་བྱུང་ཞིང་། ད་ཐེངས་ཀྱི་གོད་ཆག་དེའི་འོག་ཏུ་ཚེ་སྲོག་ཤོར་པ་རྣམས་ཀྱི་ཆེད་དུ་ཐུགས་སྨོན་གསོལ་འདེབས་གནང་རྒྱུ་དང་། ཧྥི་ལི་ལི་ཕིན་གཞུང་དམངས་གཉིས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་བརྒྱུད་ནས་་ངལ་སེལ་གྱི་ལས་གཞི་དེར་ཞལ་འདེབས་ཕྲན་བུ་འབུལ་རྒྱུ་ཞེས་པའི་གསུང་འཕྲིན་སྩལ་བ་དང་ ཧྥི་ལི་ཕིན་ལ་རང་བྱུང་གནོད་འཚེ་བྱུང་ནས་འོག་མི་ཆིག་སྟོང་ལྷག་ལ་འཆི་སྐྱོན་དང་། ད་དུང་མི་ཆིག་སྟོང་ལྷག་གང་སོང་ཆ་མེད་དུ་གྱུར་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG