ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཨཽ་བྷ་མ་མཆོག་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ་མཆོག་གིས་རེས་གཟའ་ལྷག་པའི་སྔ་དྲོ་ ཕོ་བྲང་དཀར་པོར་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་སྟེ་ དབུ་ཁྲིད་རྣམ་གཉིས་དུས་ཡུན་ཕྱག་ཚོད་ཕྱེད་ཀ་ཙམ་ཞིག་གི་རིང་ བཀའ་མོལ་ལྷུགས་པོ་གནང་ཡོད་འདུག་ སྲིད་འཛིན་ཨཽ་མ་མཆོག་གིས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་པའི་སྐོར་གནས་ཚུལ་ཐོན་པའི་རྗེས་ རེས་གཟའ་མིག་དམར་ཉིན་ རྒྱ་ནག་གི་ཕྱི་སྲིད་ཁང་གིས་ལམ་ཕྲལ་པེ་ཅིང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་ལ་ སྲིད་འཛིན་གྱི་མཛད་འཆར་དེའི་ཐད་ངོ་རྒོལ་ཡོད་ལུགས་དང་ དེས་ཡུལ་གྲུ་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཡོང་རྒྱུ་ཡིན་ལུགས་བརྗོད་དེ་ མཛད་འཆར་དེ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན་ཡོད་ཀྱང་ སྲིད་འཛིན་མཆོག་གིས་དེར་གསན་འཇོག་མ་གནང་བར་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་དེ་ནི་ དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་གནང་ཐེངས་བཞི་པ་དེ་རེད།

XS
SM
MD
LG