ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར།


བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཆིབས་སྒྱུར་གནང་སྟེ། ཉེ་ལམ་ས་གནས་དེར་ཆུ་ལོག་རྒྱུགས་ནས་རང་བྱུང་ཁམས་ཀྱི་གནོད་འཚེ་འོག་འཆི་སྐྱོན་བྱུང་བའི་འདས་པོ་རྣམས་ལ་ཐུགས་སྨོན་དང་། ཤུལ་ལུས་གསོན་པ་རྣམས་ལ་སེམས་གསོའི་བཀའ་སློབ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་བསྐྱང་འཆར་ཡོད་པ་རེད།།

XS
SM
MD
LG