ངོ་འཕྲད་བདེ་བའི་དྲ་འབྲེལ།

༸གོང་ས་མཆོག་ཨོ་སི་ཌི་ཡའི་གྲོང་ཁྱེར་བི་རིསི་བནི་ནང་ཆིབས་བསྒྱུར་བསྐྱངས་ཡོད་པ།


དེང་སྐབས་ཨོ་སི་ཌི་ལི་ཡའི་ནང་ཆོས་ཕྱོགས་སོགས་ཀྱི་མཛད་འཕྲིན་ཁག་བསྐྱངས་དང་བསྐྱོང་གནང་བཞིན་ཡོད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨོ་སི་ཌིི་ལི་ཡའི་རྒྱལ་ས་ཁྱན་བད་ར་ནང་ཉིན་གཉིས་ཙམ་རིང་གི་མཛད་འཆར་ཁག་ལེགས་པར བསྐྱངས་ཟིན་པའི་རྗེས་མགོན་པོ་གང་ཉིད་ད་རིང་རེས་གཟའ་ལྷག་པའི་ཞོགས་པ་གྲོང་ཁྱེར་བི་རིསི་བནི་ནང་ཆིབས་བསྒྱུར་བསྐྱངས་ཏེ་ཨོ་སོ་ཁྲི་ལི་ཡའི་བརྙན་འཕྲིན་ལས་ཁང་དང་གསར་འགོད་པའི་གནས་འདྲི་དང་ལེན་གནང་བ་དང་ དེ་རྗེས་ས་ཁུལ་དུ་ཡོད་པའི་སོག་པོ་དང་འབྲས་ལྗོངས་བ་འབྲུག་པ་དེ་བཞིན་བོད་མི་བཅས་དང་མཇལ་འཕྲད་གནང་སྟེ་བཀའ་སློབ་གནང་བའི་རྗེས་སྔ་ལོ་ཆུ་ལོགས་ཀྱི་གནོད་འཚེ་ཕོག་ཡུལ་དུ་ཆིབས་བསྐྱོར་བསྐྱངས་ཏེ་དེ་གར་འདུས་པའི་མི་སྟོང་ཕྲག་འགའ་ཞིག་ལ་དཀའ་ངལ་གང་ཞིག་བྱུང་ཡང་བློ་སྟོབས་ནམ་ཡང་ཞུམ་རྒྱུ་མེད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་གྱི་རེད།

XS
SM
MD
LG