ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དགོས་ཞེས་གསུངས་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཆིབས་སྒྱུར་བསྐྱངས་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་སྐད་གྲགས་ཅན་གྱི་སློབ་གྲྭ་ཁག་དང་སློབ་གཉེར་ཁང་ཁག་ཅིག་གི་ནང་དུ་དགེ་སློབ་ཡོངས་ལ་བླང་དོར་གྱི་བཀའ་སློབ་ཟབ་མོ་སྩལ་གནང་མཛད་པ་མ་ཟད། དབྱིན་ཇིའི་བི་བི་སི་གསར་འགྱུར་ལས་ཁང་གིས་༧གོང་ས་མཆོག་ལ་བཅར་འདྲི་ཞུས་ཏེ། མགོན་པོ་གང་ཉིད་ཀྱིས་ཆོས་ལུགས་མཐུན་སྒྲིལ་དགོས་གལ་ཆེ་བ་སོགས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད།།

XS
SM
MD
LG