ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་གསུང་ཆོས་དབུ་འཛུགས་མཛད་པ།


བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཚེས་ ༥ ནས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཧུན་སུར་རབ་རྒྱས་གླིང་ཁུལ་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་མགོན་པོ་ཀླུ་སྒྲུབ་གྱི་རིམ་པ་ལྔ་པའི་འགྲེལ་བའི་གསུང་ཆོས་སྩལ་རྒྱུ་ཡིན་པ་བཞིན་དེ་རིང་ནས་དབུ་འཛུགས་ཡོད་པའི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་འཇིགས་འབྲལ་བསྟན་འཛིན་ལགས་ཀྱིས་ས་གནས་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG