ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པ་པོ་ལེནྜ་ནང་ལྷན་ཚོགས་གནང་ཡོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་འཛམ་གླིང་གི་ནོ་ཝལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པ། ཤར་ཡུ་རོབ་ཀྱི་ཡུལ་གྲུ་པོ་ལེནྜ་ནང་ལྷན་འཛོམས་གནང་སྟེ། འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུའི་ཐད་མང་ཚོགས་ལ་གསུང་བཤད་བསྩལ་ཡོད་པ་དང་། ཁོང་རྣམས་ཀྱིས་འཛམ་གླིང་འདིའི་ཐོག་རྡུལ་ཕྲན་གྱི་མཚོན་ཆ་མེད་པ་བཟོ་དགོས་པ་དང་། རྒྱ་ནག་གཞུང་ལ་ལིའུ་ཤཱ་ཝོ་བཙོན་འགྲོལ་གཏོང་དགོས་ཞེས་སྐུལ་མ་གནང་ཡོད་ཅིང་། ལྷན་ཚོགས་དེའི་ཞོར་དུ་པོ་ལེནྜ་ཀྱི་སྲིད་བློན་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་བཅས་ཀྱི་སྐོར། དཔལ་མོ་མཁས་གྲུབ་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པའི་གནས་ཚུལ་ཅིག་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG