ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་དེ་བློ་རྒྱ་ཆེན་པོའི་སྒོ་ནས་སེལ་ཐབས་དགོས།


དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས་འདས་གྲོངས་སོང་བར་ཧ་ཅང་བློ་འཚབ་དང་བློ་ཕམ་བྱུང་ཞེས་གསུངས་པ་དང་ཆབས་ཅིག རྒྱ་ནག་གཞུང་ཕྱོགས་ནས་ད་ལྟའི་བོད་ནང་ཛ་དྲག་གི་གནས་སྟངས་དེར་བློ་རྒྱ་ཆེན་པོའི་སྒོ་ནས་སེལ་ཐབས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག་པ་བཅས། གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་རྣམ་རྒྱལ་ཤཱསྟྲིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG