ས་གནས་གཞན་ནས་རྡ་སར་ཕྱིར་ལོག་བྱུང་བའི་བོད་པ་ཚོ་ཟུར་འགོག
རྒྱ་གར་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་བྱས་པའི་དུས་སུ་ས་གནས་གཞན་དུ་ལུས་པའི་མི་རྣམས་རང་གི་མངའ་ཁུལ་ཁག་ལ་ཕྱིར་ལོག་བྱེད་ཆོག་པའི་བཀའ་འཁྲོལ་ཐོབ་ནས་བཟུང་།རྒྱ་གར་གྱི་ས་གནས་གཞན་ཁག་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ལོག་བྱུང་བའི་བོད་པ་བརྒྱ་སྐོར་ཞིག་ཡོད་ཅིང་། དེ་དག་གི་གྲས་ཀྱི་མི་ཁག་ཅིག་རང་ཁྱིམ་དུ་ཟུར་འགོག་བྱེད་ཡོད་པ་དང་གཞན་རྣམས་ཤེས་རབ་དགའ་ཚལ་སློབ་གླིང་དང་བོད་མིའི་སྒྲིག་འཛུགས་ཀྱི་སྦྱོང་བརྡར་བསྟི་གནས་ཁང་། དེ་བཞིན་ཤུག་གསེབ་ཀྱི་ལས་ཤག་སོགས་ལ་ཟུར་འགོག་བྱེད་ཡོད་པར་མ་ཟད།