ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ལ་གྲ་སྒྲིག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་ལ་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། རྒྱ་གར་ནི་བོད་པ་བཙན་བྱོལ་བ་རྣམས་གནས་སྡོད་བྱ་ཡུལ་གཙོ་བོ་དེ་ཆགས་ཡོད་པར་བརྟེན། དེ་རིང་གི་ཀུན་གླེང་ལས་རིམ་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་རིམས་ནད་སྔོན་འགོག་བྱ་རྒྱུར་གྲ་སྒྲིག་ཅི་ཙམ་ཡོད་མེད་སོགས་ལ་གླེང་མོལ་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་དང་ཏོག་དབྱིབས་རིམས་ནད་སྔོན་འགོག

༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་ཐོན་མེད་ཅེས་བསྒྲགས བོད་པ་གཞིས་བྱེས་གཉིས་ཀས་རིམས་ནད་འདིར་དཀྲོག་གཏམ་སྤེལ་རྒྱུ་མེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ོགས་ཡོད་ནད་པ་འདྲ་བྱུང་ན་དེ་ལ་ཁྱད་གསོད་དང་མཐོང་ཆུང་མ་བྱས་པར་ཤ་ཚོའི་སྒོ་ནས་རྒྱབ་སྐྱོར་གྱིས་མཉམ་རུབ་གནང་རོགསཞེས་འབོད་སྐུལ་གནང་སོང་།

ད་སྔ་བཙན་བྱོད་བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་གཅིག་ཀྱང་ོན་མེདོགས་པ་ཡོད་མཁན་ཁག་ཅིག་ལ་བརྟག་དཔྱད་བྱས་པའི་གྲུབ་འབྲས་ལ་སྒུག་བཞིན་ཡོདསྤྱིར་རིམས་ནད་སྔོན་འགོག་བྱེད་སྟངས་དང་ཁྱབ་གདལ་མི་འགྲོ་བའི་ཆེད་དུ་གནས་ཡུལ་རྒྱ་གར་གཞུང་གིས་ལམ་སྟོན་གནང་བྱུང་ ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རིམས་ནད་ཀྱི་དཀའ་ངལབྱུང་མེད། འོན་ཀྱང་བོད་པ་བཙན་བྱོལ་བ་ཚོར་ཛ་དྲག་གི་དཀའ་ངལ་མི་འཕྲད་པའི་ཆེད་དུ་ཉེ་ཆར་ནས་རིམས་ནད་སྔོན་འགོག་དང་གཟབ་ནན་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་ཅེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་དྲུང་འཕར་བྱམས་པ་ཕུན་ཚོགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་་གསུངས་སོང་།

ཕྱི་ཟླ་་པའི་ཚེས་༡༦་ཉིན་བཀའ་དྲུང་ཡིག་ཚང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་བཀོད་ཁྱབ་ཅིག་བཏང་ཡོད་པ་དེར་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ཟླ་བ་གཅིག་གི་རིང་ལའདུ་ཚོགས་མི་དགོས་པ་དང་། དགོན་སྡེ་སོ་སོར་ཕྱི་ལོག་ནས་ཕེབས་པའི་ི་རིགས་ཁག་བདུན་ཕྲག་གཉིས་ཀྱི་རིང་དུ་ཟུར་འགོག་བྱ་དགོས། གཏན་ཉིན་སློབ་གྲྭ་ཁག་ཉུང་མཐར་ཡང་ླ་གཅིག་གི་རིང་ལ་སྒོ་རྒྱག་དགོས སྔོན་ལ་ཟླ་བ་གཅིག་གི་རིང་དུ་ཟབ་སྦྱོང་དང་བགྲོ་གླེང་སོགས་ཚོགས་འདུའི་རིགས་སྐོང་ཚོགས་མི་དགོས་པ་དང་ཚ་བའི་ནད་རྟགས་བྱུང་སྟེ་མིད་པ་སྐམ་ཟུག་བརྒྱབ་པ། ློ་ཆམ་གྱི་རིགས་སོགས་བྱུང་ན་འཕྲལ་དུ་སྨན་ཁང་ལ་བསྟེན་གཏུག་ངེས་པར་དུ་བྱ་དགོས་པ་སོགས་དོན་ཚན་བདུན་བཀོད་འདུག

བོད་པ་བཙན་བྱོལ་བའི་སྤྱི་ཚོགས་དྲྭ་ལམ་ཁག་ཏུརིམས་ནད་འདིར་དཀྲོག་གཏམ་མང་པོ་ཞིག་སྤེལ་བཞིན་ཡོད་པ་སྟེགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚྭ་དང་བྱེ་མ་ཀ་ར་མེད་པའི་ཇ་ཐང་འཐུང་ན་ནད་ཡམས་ཞི་བར་ཕན་ཐོགས་ཡོད་ཅེས་བཀའ་སློབ་སྩལ་པ་རེད་ཟེར་པ་ཞིག་ཁྱབ་སྤེལ་བྱེད་བཞིན་པ་ནི་དཀྲོག་གཏམ་རེད་ཅེས་དགའ་ལྡན་ཕོ་བྲང་གིས་གསལ་བཤད་གནང་འདུག ཡང་ོས་རིག་ལས་ཁུངས་ཀྱི་ལས་ཤོག་ཐོག་ཏུ་ཁྱབ་ཁོངས་དགོན་སྡེ་ཁག་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེརནས་བྱུང་བའི་༢༠༡༩་ལོའི་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པས་ཆོས་རིག་ལས་ཁུངས་ཀྱིས་གསལ་བསྒྲགས་དེ་དཀྲོག་གཏམ་ཆེད་སྤེལ་བྱས་པ་ཞིག་རེད་ཅེས་གསལ་བཤད་བྱས་འདུག

ོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་དྲུང་འཕར་བྱམས་པ་ཕུན་ཚོགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་ལང་ཚོས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་སྟེ་སྔོན་འགོག་བྱེད་བཞིན་ཡོད ཁྱབ་ཁོངས་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ལ་འབྲེལ་ཡོད་ས་གནས་སོ་སོའི་རྒྱ་གར་གཞུང་གི་བཀོད་སྒྲིག་བྱས་པའི་གྲོང་ཁྱེར་ཆེ་ཁག་གི་ཟུར་བཀག་སྨན་ཁང་གང་དུ་བསྟེན་གཏུག་དགོས་བྱ་པ་ས་གནས་སོ་སོར་འགྲེལ་བཤད་དང་ལམ་སྟོན་བྱས་ཡོད་པ་མ་ཟད། ས་གནས་སུ་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྨན་ཁང་ལའང་སྔོན་འགོག་གི་མཐུན་རྐྱེན་གང་ལེགས་སྦྱར་ཡོད། རིམས་ནད་ཀྱི་དཀའ་ངལ་བྱུང་ན་འགྲོ་སོང་གཏོང་རྒྱུའི་དངུལ་འབོར་ཟུར་བཅད་གནང་ཡོད་ཅེས་གསུང་སོང་།

ྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེརིམས་ནད་ཕོག་པའི་ནད་པ༨་བྱུང་ཡོད་པ་དང་རྒྱ་གར་རྒྱལ་ཡོངས་སུ་གཟའ་ལྷག་པའི་བར་དུ་ནད་པ༡༥༡་ཡོད་པ་ངེས་གཏན་བྱུང་། ད་སྔ་མི་༣ལ་འཆི་སྐྱོན་བྱུང་ཡོད་པ་དང་ཀར་ན་ཊ་ཀ་མངའ་སྡེ་གཞུང་གིས་ླ་བ་འདིའི་ཟླ་མཇུག་བར་དུ་གློག་བརྙན་ཁང་དངཆང་ཁང་སོགས་མི་ཚོགས་འདུ་འཛོམས་བྱ་ཡུལ་ཁག་སྒོ་བརྒྱབ་སྟེ་མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་གྲྭའི་སློབ་ཕྲུག་ཚོར་གུང་སེང་བཏང་འདུ

རིམས་ནད་སྔོན་འགོག་ཆེད་དུ་དགའ་ལྡན་ཕོ་བྲང་གིས་གསལ་བསྒྲགས་གནང་་ལྟར་ན་ོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་དང་མཛད་རིམ་རྣམས་ཀྱང་ེ་ཞིག་ཕྱིར་འཐེན་གནང་སྟེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་སྒོ་རྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG