ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་ནང་གི་གཏེར་ཁ་བསྔོག་འདོན་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐྱོན་བརྗོད་གནང་བ།


སྲིད་སྐྱོང་མཆོག་ནས་བཞུགས་སྒར་རྡ་རམ་ས་ལར་གསར་འགོད་ལྷན་ཚོགས་ཐོག་ཟླ་བ་སྔོན་མ་ཁམས་མི་ཉག་ནང་གཏེར་ཀ་བསྔོག་འདོན་གྱིས་རྐྱེན་པས་ཁོར་ཡུག་ལ་གནོད་འཚེ་བྱུང་བ་དང་ཡང་ཉེ་ཆར་མདོ་སྨད་ཨ་མཆོག་གི་གནས་རིར་གཏེར་ཁ བསྔོག་འདོན་མཚམས་འཇོག་ཡོང་ཆེད་ས་གནས་བོད་མིས་ཞི་བའི་ཐོག་ནས་ངོ་རྒོལ་བྱེད་པའི་སྐབས་འཛིན་བཟུང་དང་རྡུང་རྡེག་བཏང་བ་སོགས་རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་ཚོ་ནི་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་ལས་འགལ་བ་ཞིག་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་མ་ཟད་རྒྱ་ནག་གཞུང་གིས་ཨ་མཆོག་ནང་གི་བོད་མིའི་ཞི་རྒོལ་དེ་ཚོ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་ལུགས་བརྗོད་པ་དེ་ནི་བདེན་པ་མིན་པ་དང་མ་ཉེས་ཁ་གཡོགས་རང་རེད་ཅེས་གསུང་ཡོད་པ་རེད།

XS
SM
MD
LG