ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་ཕ་བུ་༢་ལ་རྒྱ་ནག་གིས་ཞིབ་འཇུག་བྱ་དགོས་ཟེར་པར་སྐྱོན་བརྗོད།


སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་ཕ་བུ་གཉིས་ཀྱི་ཚོང་ལས་གཉེར་ཕྱོགས་ལ་རྒྱ་ནག་གིས་འདྲི་རྩད་དང་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ་ཞུས་པར་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཊེ་ཌི་ཁུ་རུ་ཛིས་ཁ་རྡུང་དྲག་པོ་བཏང་ཡོད་པར་མ་ཟད། འདི་ནི་ཕྱི་ལོ་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཕྱིའི་རྒྱལ་ཁབ་ཅིག་ལ་ཐེ་གཏོགས་བྱེད་རོགས་ཞེས་ངོ་ཚ་ཁྲལ་གཞུང་མེད་པར་འབོད་སྐུལ་ཞུས་པ་ཞིག་རེད་ཅེས་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་འགའ་ཞིག་གིས་ཡོངས་གྲགས་ངོས་འཛིན་དང་སྲིད་འཛིན་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅིང་། ཁོ་ཚོའི་གྲས་ཀྱི་གཙོ་བོ་ཞིག་ནི་སྐུ་ཞབས་ཁུ་རུ་ཛི་ཡིན་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG