ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་སང་གཟའ་ཉི་མའི་ཉིན་ཡུཀ་རེན་གྱི་ཁེ་རི་མཱི་ཡ་རང་སྐྱོང་ས་གནས་ལ་མང་མོས་འོས་འདེམས་བྱས་པ་དང་། ད་ཐེངས་ཀྱི་འོས་འདེམས་ལ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༨༣་ལྷག་མཉམ་ཞུགས་བྱས་ཏེ། མི་མང་འོས་ཤོག་འཕེན་མཁན་དེའི་གྲས་སུ་མི་མང་བརྒྱ་ཆ་༩༧་གྱིས་ཁེ་རི་མཱི་ཡ་ས་གནས་དེ་ཉིད་ཡུཀ་རེན་གྱི་མངའ་ཁོངས་ནས་ལོགས་སུ་འཐོན་དགོས་པ་དང་། ཁོ་ཚོ་ར་ཤི་ཡའི་ཁོངས་སུ་ཟླ་བསྒྲིལ་བྱ་རྒྱུའི་མོད་མཐུན་ཡོད་ཅེས་འོས་ཤོག་འཕངས་འདུག དེ་རིང་གཟའ་ཟླ་བའི་ཉིན་ཁེ་རི་མཱི་ཡའི་གྲོས་ཚོགས་ཀྱིས་རང་གི་ས་གནས་དེ་རང་བཙན་ཡིན་པ་དང་། ད་ལྟ་ས་གནས་དེ་དངོས་སུ་ར་ཤི་ཡའི་ཁོངས་སུ་ཟླ་བསྒྲིལ་བྱ་རྒྱུའི་སྙན་ཞུ་ཞིག་ར་ཤི་ཡའི་གཞུང་ལ་སྙན་ཞུ་ཕུལ་ཡོད་ཅིང་། ཡུཀ་རེན་གྱི་གཞུང་དང་ཨ་མི་རི་ཀ ཡུ་རོབ་མཉམ་འབྲེལ་དང་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་ཁེ་རི་མཱི་ཡ་ས་གནས་ཀྱི་མང་མོས་འོས་འདེམས་ལ་ངོས་ལེན་མེད། ཁེ་རི་མཱི་ཡའི་མང་མོས་འོས་འདེམས་དེ་ར་ཤི་ཡས་ངན་སྐུལ་བྱས་ནས་བྱུང་ཡོད་པས། ང་ཚོས་ཁེ་རི་མཱི་ཡའི་མང་མོས་འོས་འདེམས་ཟེར་པ་དེ་ཁྲིམས་འགལ་ཡིན་པར་ངོས་འཛིན་བྱེད་རྒྱུ་དང་། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གྱིས་ར་ཤི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་བྱས་ནས་ཉེས་ཆད་གཅོད་རྒྱུ་ཡིན་ཞེས་སྐྱོན་བརྗོད་བྱས་ཡོད་པ་རེད།།
XS
SM
MD
LG