ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དོན་གྲུབ་དབང་ཆེན་ལགས་བཙོན་འགྲོལ་ཡོང་གྲབས་ཡོད་པ།


ཟླ་བ་རྗེས་མའི་ཕྱི་ཚེས་༥ ཉིན་དོན་གྲུབ་དབང་ཆེན་ལགས་ལ་འགེལ་པའི་ལོ་ངོ་དྲུག་བཙོན་འཇུག་གི་ཉེས་ཆད་གཙང་གི་ཡོད་སྟབས་ ཉེན་དེར་ཁོང་རྒྱ་མིའི་བཙོན་ཁང་ནས་གློད་འགྲོལ་ཡོང་རྒྱུར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ དེ་བཞིན་ ཁོང་གི་ནང་མི་ཚོས་ངང་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དུས་མཚུངས་ བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཞིག་གིས་ ཇི་སྲིད་ཁོང་ནང་མི་བུ་ཕྲུག་ཚོའི་མཉམ་དུ་ཟླ་བསྒྲིལ་མ་བྱུང་བར་ཁོང་གི་ཆེད་ལས་འགུལ་མུ་མཐུད་སྤེལ་རྒྱུའི་གྲ་སྒྲིག་ཡང་བྱེད་ཀྱི་ཡོད་པ་རེད། དོན་གྲུབ་དབང་ཆེན་ལགས་བཙོན་འགྲོལ་ཐོབ་ལ་ཉེ་བའི་སྐབས་ ད་ཕན་ཁོང་གི་ཆེད་ལས་འགུལ་སྤེལ་མཁན་ཚོགས་པ་སྒྲིག་འཛུགས་ཁག་དང་ཁོང་གི་ནང་མི་ཚོར་ཚོར་བ་གང་འདྲ་ཞིག་ཡོང་གི་ཡོད་པའི་སྐོར་རིག་འཛིན་གྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་གྱི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG