ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གི་དཔོན་རིགས་ཚོའི་ལྐོག་ཟ།


རྒྱ་ནག་དབུས་དངུལ་ཁང་གིས་ཤོག་གྲངས་༦༧་ཡོད་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དེར་འཁོད་པ་ལྟར་ན། སྤྱི་ལོ་༡༩༩༠་ཐམ་པའི་ལོ་དཀྱིལ་ནས་ ༢༠༠༨ བར་དུ་གཞུང་གི་དངུལ་སྒོར་རྐུ་འཁྱེར་བྱས་ནས་ཕྱིའི་རྒྱལ་ཁབ་ཁག་ལ་བྲོས་བྱོལ་དུ་ཕྱིན་པ་སྟེ། རྒྱ་ནག་དམར་ཤོག་གུང་ཁྲན་ཏང་གི་ཚོགས་མི་དང་གཞུང་གི་ཉེན་རྟོགས་པ། ཁྲིམས་དོན་ལས་ཁུངས་ཀྱི་ལས་བྱེད་པ་དང་གཞུང་གི་ལས་ཁུངས་མཐོ་གྲས་ཀྱི་འགོ་ཁྲིད་ཡིན་པ་བཅས་ཁྱོན་བསྡོམས་མི་ཆིག་ཁྲི་བདུན་སྟོང་ཙམ་ཟིན་ཡོད་པ་དང་། ཁོང་ཚོས་རྐུ་འཁྱེར་བྱས་པའི་དངུལ་སྒོར་གྱི་གྲངས་འབོར་དེ་ནི་རྒྱ་ནག་གི་མི་དམངས་ཤོག་སྒོར་ཐེར་འབུམ་བརྒྱད་བརྒྱ་ཙམ་ཟིནའདུག་ཅེས་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG