ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་ཝྭིར་ཇི་ཎི་ཡའི་རྒན་གསོ་ཁང་ཞིག་ཏུ་ནད་དུག་ཁྱབ་གདལ།


༄༅།། ཨ་རིའི་ཝྭིར་ཇི་ཎི་ཡའི་མངའ་སྡེའི་རྒྱལ་ས་སྟེ། རཱི་ཆི་མོན་ཌི་གྲོང་ཁྱེར་གྱི་རྒན་གསོ་ཁང་ཞིག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་རྒས་འཁོགས་༤༥་འདས་གྲོངས་སུ་གྱུར་འདུག འདི་ནི་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ས་གནས་གཅིག་ལ་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་མང་ཤོས་ཤིག་དང་ཡམས་ནད་དེ་ཁྱབ་གདལ་འགྲོ་བཞིན་པར་སྟངས་འཛིན་བྱེད་དཀའ་བ་ཞིག་ཏུ་གྱུར་ཡོད་པ་མཚོན་གྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG