ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ནང་འབད་བརྩོན་ཞེས་པའི་བརྗོད་གཞིར་བགྲོ་གླེང་།


བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ནང་དུ་འབད་བརྩོན་ཞེས་པའི་བརྗོད་གཞིའི་ཐོག་ཏུ་ཉིན་གཉིས་ལ་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཡོད་ཅིང་། ད་རེས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་སྲིད་བྱུང་ཉམས་ཞིབ་ཁང་གི་ཆེད་ལས་པ་ཚོས་རང་གི་ལས་དོན་སྒྲུབ་ཕྱོགས་དང། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་སྐུ་ཚབ་དོན་གཅོད་རྣམ་པས་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་འཐབ་རྩོད་ཀྱི་ལས་དོན་སྒྲུབ་ཕྱོགས་བཅས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་འཐབ་རྩོད་ཀྱི་ལས་དོན་སྒྲུབ་ཕྱོགས་རྣམས་ཚོགས་བཅར་ཚོར་ངོ་སྤྲོད་གནང་ཡོད་པའི་སྐོར། བཞུགས་སྒར་དྷ་རམ་ས་ལ་ནས་ང་ཚོའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།
XS
SM
MD
LG