ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཟིན་བྲིས་པ་ཞིག་གིས་བོད་ནང་གི་གསང་བ་ཕྱི་ལ་བསྒྲགས་པ།


བོད་མདོ་སྨད་མཚོ་སྔོན་བོང་སྟག་ས་ཁུལ་དུ་རྡོ་སོལ་གཏེར་ཁ་སྔོག་འདོན་བྱས་ཏེ་ལོ་བཅུ་ལྷག་འགྲོ་གི་ཡོད་པ་དང་། གཏེར་ཁ་སྔོག་འདོན་བྱ་ཡུལ་དེ་གའི་འབྲོག་པའི་འཚོ་བ་དང་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་བཞིན་པ་མ་ཟད། ད་དུང་ཟླ་བ་གསུམ་ཙམ་གྱི་ནང་དུ་རུ་ཁག་གཅིག་གི་མི་གྲངས་དགུ་ལ་རྡོ་སོལ་གཏེར་ལས་སྐྱེལ་འདྲེན་རླངས་འཁོར་གྱིས་བརྫིས་ཏེ་བསད་པ་དང་རྨས་བ། དབང་བོ་སྐྱོན་ཅན་དུ་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ཡང་། འབྲོག་པ་མང་ཚོགས་ལ་ཞུ་ས་བཏུགས་ས་གང་ཡང་མེད་པའི་སྐོར་གྱི་གནས་ཚུལ་ཞིག་བོད་ནང་གི་ཟིན་བྲིས་པ་ཞིག་གིས་བོད་ཡིག་ཟིན་བྲིས་སུ་ཕྱི་བསྒྲགས་བྱས་པ་དེ་ད་ལྟ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སླེབས་ཡོད་པའི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་གིས་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG